Degé Kangyur volume 17, F.141.b

མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་རྗེས་སུ་མྱི་མཐོང་། ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་། འདུ་ཤེས་ཡང་དག་པར་རྗེས་སུ་མི་མཐོང་། འདུ་བྱེད་ཡང་དག་པར་རྗེས་སུ་མི་མཐོང་། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། མྱིག་ཡང་དག་པར་རྗེས་སུ་མི་མཐོང་། རྣ་བ་ཡང་དག་པར་རྗེས་སུ་མི་མཐོང་། སྣ་ཡང་དག་པར་རྗེས་སུ་མི་མཐོང་། ལྕེ་ཡང་དག་པར་རྗེས་སུ་མྱི་མཐོང་། ལུས་ཡང་དག་པར་རྗེས་སུ་མྱི་མཐོང་། ཡིད་ཡང་དག་པར་རྗེས་སུ་མྱི་མཐོང་། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། སྒྲ་ཡང་དག་པར་རྗེས་སུ་མི་མཐོང་། དྲི་ཡང་དག་པར་རྗེས་སུ་མྱི་མཐོང་། རོ་ཡང་དག་པར་རྗེས་སུ་མྱི་མཐོང་། རེག་ཡང་དག་པར་རྗེས་སུ་མི་མཐོང་། ཆོས་ཡང་དག་པར་རྗེས་སུ་མི་མཐོང་། མྱིག་གི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། རྣ་བའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། སྣའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ལྕེའི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ལུས་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་། མྱིག་གི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་། རྣ་བའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་། སྣའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ལྕེའི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ལུས་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མྱི་མཐོང་། ཡིད་ཀྱི་འདུས་ཏེ་རེག་པ་ཡང་དག་པར་རྗེས་སུ་མི་མཐོང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་དག་པར་རྗེས་སུ་མི་མཐོང་། ལུས་ཀྱི་འདུས་ཏེ་རེག་པའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10506#UT22084-014-001-10506