Degé Kangyur volume 17, F.140.b

དེའི་ཚེ་འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བགྱི་བར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་འཕགས་པའི་བདེན་པ་རྣམས་ཞེས་བགྱི་བར་འཕགས་པའི་བདེན་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་བསམ་གཏན་རྣམས་ཞེས་བགྱི་བར་བསམ་གཏན་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་ཚད་མེད་པ་རྣམས་ཞེས་བགྱི་བར་ཚད་མྱེད་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཞེས་བགྱི་བར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་རྣམ་པར་ཐར་པ་བརྒྱད་ཅེས་བགྱི་བར་རྣམ་པར་ཐར་པ་བརྒྱད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བགྱི་བར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞེས་བགྱི་བར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་མངོན་པར་ཤེས་པ་རྣམས་ཞེས་བགྱི་བར་མངོན་པར་ཤེས་པ་རྣམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་ཏིང་ངེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10504#UT22084-014-001-10504