Degé Kangyur volume 17, F.138.a

དེའི་ཚེ་འདི་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བར་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བར་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བགྱི་བར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་མི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་སའི་ཁམས་ཞེས་བགྱི་བར་སའི་ཁམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་ཆུའི་ཁམས་ཞེས་བགྱི་བར་ཆུའི་ཁམས་ལ་མི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་མེའི་ཁམས་ཞེས་བགྱི་བར་མེའི་ཁམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་རླུང་གི་ཁམས་ཞེས་བགྱི་བར་རླུང་གི་ཁམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་ནམ་མཁའི་ཁམས་ཞེས་བགྱི་བར་ནམ་མཁའི་ཁམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །དེའི་ཚེ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བགྱི་བར་རྣམ་པར་ཤེས་པའི་ཁམས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་མ་རིག་པ་ཞེས་བགྱི་བར་མ་རིག་པ་ལ་མྱི་དམྱིགས་ཤིང་མི་ལེན་མི་གནས་ཏེ། མངོན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10499#UT22084-014-001-10499