Degé Kangyur volume 17, F.136.b

རྗེས་སུ་མཐོང་། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་། ཆོས་ཐམས་ཅད་མིག་ཡོར་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་། ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བར་ཡང་དག་པར་རྗེས་སུ་མཐོང་བས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསྟན་པ་འདི་ཐོས་ན་མི་འཇིགས་མྱི་སྡང་སྐྲག་པར་མྱི་འགྱུར་རོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ཆོས་དེ་དག་ལ་འདི་ལྟར་ཡོངས་སུ་རྟོག་པ་དེའི་ཚེ། འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མྱི་དམྱིགས་ཤིང་མི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་ཚོར་བ་ཞེས་བགྱི་བར་ཚོར་བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་འདུ་ཤེས་ཞེས་བགྱི་བར་འདུ་ཤེས་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་འདུ་བྱེད་ཅེས་བགྱི་བར་འདུ་བྱེད་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་རྣམ་པར་ཤེས་པ་ཞེས་བགྱི་བར་རྣམ་པར་ཤེས་པ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་མྱིག་ཅེས་བགྱི་བར་མྱིག་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་རྣ་བ་ཞེས་བགྱི་བར་རྣ་བ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མྱི་བགྱིད་ལ་འདོགས་པར་མྱི་བགྱིད་དོ། །​དེའི་ཚེ་འདི་ནི་སྣ་ཞེས་བགྱི་བར་སྣ་ལ་མྱི་དམྱིགས་ཤིང་མྱི་ལེན་མྱི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ་འདོགས་པར་མི་བགྱིད་དོ། །​དེའི་ཚེ་འདི་ནི་ལྕེ་ཞེས་བགྱི་བར་ལྕེ་ལ་མྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10496#UT22084-014-001-10496