Degé Kangyur volume 17, F.135.b

ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་མངོན་པར་ཤེས་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མངོན་པར་ཤེས་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་ཏིང་ངེ་འཛིན་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཏིང་ངེ་འཛིན་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་གཟུངས་ཀྱི་སྒོ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། གཟུངས་ཀྱི་སྒོ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །མངོན་པར་མ་གྲུབ་པ་མ་གཏོགས་པར་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་མྱི་འཇིགས་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། མྱི་འཇིགས་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་སོ་སོ་ཡང་དག་པར་རིག་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་བྱམས་པ་ཆེན་པོ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། བྱམས་པ་ཆེན་པོ་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་སྙིང་རྗེ་ཆེན་པོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10494#UT22084-014-001-10494