Degé Kangyur volume 17, F.134.b

གཏོགས་པར་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་དྲན་པ་ཉེ་བར་གཞག་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་ཡང་དག་པར་སྤོང་བ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་དབང་པོ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། དབང་པོ་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་སྟོབས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། སྟོབས་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ན་མངོན་པར་མ་གྲུབ་པ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བའི་ཆོས་དེ་གཉིས་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མྱེད་དོ། །​མངོན་པར་མ་གྲུབ་པ་མ་གཏོགས་པར་འཕགས་པའི་ལམ་ཡན་ལག་བརྒྱད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10492#UT22084-014-001-10492