Degé Kangyur volume 14, F.133.a

མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ལྕེའི་འདུས་ཏེ་རེག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ལུས་ཀྱི་འདུས་ཏེ་རེག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ཡིད་ཀྱི་འདུས་ཏེ་རེག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །​མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །​ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ། མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​སའི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ཆུའི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མྱེད་ཅེས་བྱ་བར་མི་སྦྱོར་རོ། །​མེའི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །རླུང་གི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ནམ་མཁའི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཤེས་པའི་ཁམས་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​མ་རིག་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​འདུ་བྱེད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཤེས་པ་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6131#UT22084-014-001-6131