Degé Kangyur volume 17, F.128.b

མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་འདུ་བྱེད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་མིང་དང་གཟུགས་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སྐྱེ་མཆེད་དྲུག་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་རེག་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཚོར་བ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སྲེད་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ལེན་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སྲིད་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སྐྱེ་བ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་རྒ་ཤི་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ནང་སྟོང་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཕྱི་སྟོང་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཕྱི་ནང་སྟོང་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཆེན་པོ་སྟོང་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་དོན་དམ་པ་སྟོང་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་འདུས་བྱས་སྟོང་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་འདུས་མ་བྱས་སྟོང་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་དོར་བ་མྱེད་པ་སྟོང་པ་ཉིད་མ་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10480#UT22084-014-001-10480