Degé Kangyur volume 17, F.127.b

འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​སོ་སོ་ཡང་དག་པར་རིག་པ་བཞི་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །བྱམས་པ་ཆེན་པོ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​སྙིང་རྗེ་ཆེན་པོ་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རང་བཞིན་གྱིས་སྟོང་པ་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མྱེད་དོ། །​གང་ལ་སྐྱེ་བ་མྱེད་ཅིང་འཇིག་པ་མྱེད་པ་དེ་ལ་གནས་པ་ལས་གཞན་དུ་འགྱུར་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམས་གྲངས་དེས་ན། གང་མངོན་པར་འདུས་མ་བྱས་པ་དེ་གཟུགས་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཚོར་བ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་འདུ་ཤེས་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་འདུ་བྱེད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་མྱིག་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་རྣ་བ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སྣ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ལྕེ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ལུས་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཡིད་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་གཟུགས་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་སྒྲ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་དྲི་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་རོ་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་རེག་མ་ཡིན་ནོ། །​གང་མངོན་པར་འདུས་མ་བྱས་པ་དེ་ཆོས་མ་ཡིན་ནོ། །​གང་མངོན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10478#UT22084-014-001-10478