Degé Kangyur volume 17, F.118.b

ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །​དགེ་བའི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །​མྱི་དགེ་བའི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །​འདུས་བྱས་ཀྱི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །​འདུས་མ་བྱས་ཀྱི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །​ཟག་པ་དང་བཅས་པའི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །​ཟག་པ་མྱེད་པའི་ཆོས་རྟག་པ་མ་ཡིན་འཇིག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ནི་དེ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གང་ཡང་འདི་སྐད་དུ་ཅིའི་ཕྱིར། གཟུགས་མངོན་པར་མ་གྲུབ། ཅིའི་ཕྱིར་ཚོར་བ་མངོན་པར་མ་གྲུབ། ཅིའི་ཕྱིར་འདུ་ཤེས་མངོན་པར་མ་གྲུབ། ཅིའི་ཕྱིར་འདུ་བྱེད་མངོན་པར་མ་གྲུབ། ཅིའི་ཕྱིར་རྣམ་པར་ཤེས་པ་མངོན་པར་མ་གྲུབ་ཅེས་སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་གཟུགས་ནི་མངོན་པར་འདུ་མ་བྱས་པའོ། །​ཚོར་བ་ནི་མངོན་པར་འདུ་མ་བྱས་པའོ། །​འདུ་ཤེས་ནི་མངོན་པར་འདུ་མ་བྱས་པའོ། །​འདུ་བྱེད་ནི་མངོན་པར་འདུ་མ་བྱས་པའོ། །​རྣམ་པར་ཤེས་པ་ནི་མངོན་པར་འདུ་མ་བྱས་པའོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ལ་མངོན་པར་འདུ་བྱེད་པ་མྱེད། ཚོར་བ་ལ་མངོན་པར་འདུ་བྱེད་པ་མྱེད། འདུ་ཤེས་ལ་མངོན་པར་འདུ་བྱེད་པ་མྱེད། འདུ་བྱེད་ལ་མངོན་པར་འདུ་བྱེད་པ་མྱེད། རྣམ་པར་ཤེས་པ་ལ་མངོན་པར་འདུ་བྱེད་པ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་མེད་དོ། །​རྣ་བ་ནི་མངོན་པར་འདུ་མ་བྱས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་མངོན་པར་འདུ་བྱེད་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10460#UT22084-014-001-10460