Degé Kangyur volume 17, F.109.a

རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རླུང་གི་ཁམས་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ནམ་མཁའི་ཁམས་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣམ་པར་ཤེས་པའི་ཁམས་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་རིག་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​འདུ་བྱེད་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྣམ་པར་ཤེས་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​མྱིང་དང་གཟུགས་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྐྱེ་མཆེད་དྲུག་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རེག་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚོར་བ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྲེད་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ལེན་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྲིད་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​སྐྱེ་བ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​རྒ་ཤི་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཕྱི་སྟོང་པ་ཉིད་རྣམ་པར་བྱང་བ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །​ཕྱི་ནང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10443#UT22084-014-001-10443