།རྣ་བའི་འདུས་ཏེ་རེག་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སའི་ཁམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཆུའི་ཁམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱེའི་ཁམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རླུང་གི་ཁམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ནམ་མཁའི་ཁམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་རིག་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །འདུ་བྱེད་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །རྣམ་པར་ཤེས་པ་ཁ་ན་མ་ཐོ་བ་མྱེད་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །མྱིང་དང་གཟུགས་ཁ་ན་མ་ཐོ་བ་མྱེད་པ་སྟེ།