Degé Kangyur volume 17, F.77.a

ཅེས་བྱ་སྟེ། བདག་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་སེམས་ཅན་སེམས་ཅན་ཞེས་བྱ་སྟེ། སེམས་ཅན་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་སྲོག་སྲོག་ཅེས་བྱ་སྟེ། སྲོག་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་འགྲོ་བ་འགྲོ་བ་ཞེས་བྱ་སྟེ། འགྲོ་བ་ཤིན་ཏུ་མངོན་པར་མ་གྲུབ་པོ། །​དཔེར་ན་གསོ་བ་གསོ་བ་ཞེས་བྱ་སྟེ། གསོ་བ་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་སྐྱེས་བུ་སྐྱེས་བུ་ཞེས་བྱ་སྟེ། སྐྱེས་བུ་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་གང་ཟག་གང་ཟག་ཅེས་བྱ་སྟེ། གང་ཟག་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་ཤེད་ཅན་ཤེད་ཅན་ཞེས་བྱ་སྟེ། ཤེད་ཅན་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་ཤེད་བདག་ཤེད་བདག་ཅེས་བྱ་སྟེ། ཤེད་བདག་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་བྱེད་པ་པོ་བྱེད་པ་པོ་ཞེས་བྱ་སྟེ། བྱེད་པ་པོ་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་ཚོར་བ་པོ་ཚོར་བ་པོ་ཞེས་བྱ་སྟེ། ཚོར་བ་པོ་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་ཤེས་པ་པོ་ཤེས་པ་པོ་ཞེས་བྱ་སྟེ། ཤེས་པ་པོ་ཤིན་ཏུ་མངོན་པར་མ་གྲུབ་བོ། །​དཔེར་ན་མཐོང་བ་པོ་མཐོང་བ་པོ་ཞེས་བྱ་སྟེ། མཐོང་བ་པོ་ཤིན་ཏུ་མངོན་པར་མ་གྲུབ་པོ། །​ཞེས་ཅིའི་ཕྱིར་དེ་སྐད་དུ་སྨྲས་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སེམས་ཅན་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྲོག་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། འགྲོ་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། གསོ་བ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། སྐྱེས་བུ་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། གང་ཟག་ཤིན་ཏུ་མྱེད་ཅིང་མྱི་དམྱིགས་ན། དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཤེད་ཅན་ཤིན་ཏུ་མྱེད་ཅིང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10379#UT22084-014-001-10379