Degé Kangyur volume 17, F.72.a

ཕ་རོལ་ཏུ་ཕྱིན་པ་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །​འདི་ལྟ་སྟེ། ནང་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ནང་སྟོང་པ་ཉིད་མྱེད། ནང་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ནང་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​འདི་ལྟ་སྟེ། ཕྱི་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ཕྱི་སྟོང་པ་ཉིད་མྱེད། ཕྱི་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཕྱི་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​འདི་ལྟ་སྟེ། ཕྱི་ནང་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ཕྱི་ནང་སྟོང་པ་ཉིད་མྱེད། ཕྱི་ནང་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། ཕྱི་ནང་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​འདི་ལྟ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་སྟོང་པ་ཉིད་སྟོང་པ་ཉིད་མྱེད། སྟོང་པ་ཉིད་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་གང་ཡིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་གཉིས་ཀ་ཡང་མྱེད་ཅིང་མྱི་དམྱིགས་ཏེ། དེའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མྱིང་ཙམ་མོ། །​འདི་ལྟ་སྟེ། ཆེན་པོ་སྟོང་པ་ཉིད་འདི་ནི་མྱིང་ཙམ་སྟེ། མྱིང་ལ་ཡང་ཆེན་པོ་སྟོང་པ་ཉིད་མྱེད། ཆེན་པོ་སྟོང་པ་ཉིད་ལ་ཡང་མྱིང་མྱེད་དོ། དེ་ཅིའི་ཕྱིར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10796#UT22084-014-001-10796