Degé Kangyur volume 17, F.69.a

བཅོམ་པ་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་ལ་མེད་ཅིང་མྱི་དམྱིགས་སོ། །​རྒྱུན་ཏུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་ནི་རང་སངས་རྒྱས་ལ་མྱེད་ཅིང་མྱི་དམྱིགས་སོ། །རང་སངས་རྒྱས་ནི་རང་སངས་རྒྱས་ལ་མྱེད་ཅིང་མྱི་དམྱིགས་སོ། །​རང་སངས་རྒྱས་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ལ་མྱེད་ཅིང་མི་དམྱིགས་སོ། །​རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ནི་བྱང་ཆུབ་སེམས་དཔའ་ལ་མྱེད་ཅིང་མྱི་དམྱིགས་སོ། །​བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ལ་མྱེད་ཅིང་མྱི་དམྱིགས་སོ། །​བྱང་ཆུབ་སེམས་དཔའ་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ལ་མེད་ཅིང་མྱི་དམིགས་སོ། །​རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་མེད་ཅིང་མི་དམྱིགས་སོ། །དེ་བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །​དེ་བཞིན་གཤེགས་པ་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་མྱེད་ཅིང་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་ལ་མྱེད་ཅིང་མྱི་དམྱིགས་སོ། །​བྱང་ཆུབ་སེམས་དཔའ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལ་མེད་ཅིང་མྱི་དམྱིགས་སོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མེད་ཅིང་མྱི་དམྱིགས་སོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་ལ་མྱེད་ཅིང་མྱི་དམྱིགས་སོ། །​བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གདམས་ཤིང་རྗེས་སུ་བསྟན་པ་ལ་མྱེད་ཅིང་མྱི་དམྱིགས་སོ། །​གདམས་ཤིང་རྗེས་སུ་བསྟན་པ་ནི། གདམས་ཤིང་རྗེས་སུ་བསྟན་པ་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10364#UT22084-014-001-10364