Degé Kangyur volume 14, F.126.b

གཤེགས་པའི་སྟོབས་བཅུ་བདག་ཅེས་བྱ་བར་མི་སྦྱོར་རོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​མི་འཇིགས་པ་བཞི་བདག་ཅེས་བྱ་བར་མི་སྦྱོར་རོ། །​མི་འཇིགས་པ་བཞི་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་བདག་ཅེས་བྱ་བར་མི་སྦྱོར་རོ། །​སོ་སོ་ཡང་དག་པར་རིག་པ་བཞི་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​བྱམས་པ་ཆེན་པོ་བདག་ཅེས་བྱ་བར་མི་སྦྱོར་རོ། །​བྱམས་པ་ཆེན་པོ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​སྙིང་རྗེ་ཆེན་པོ་བདག་ཅེས་བྱ་བར་མི་སྦྱོར་རོ། །​སྙིང་རྗེ་ཆེན་པོ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདག་ཅེས་བྱ་བར་མི་སྦྱོར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་བདག་ཅེས་བྱ་བར་མི་སྦྱོར་རོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་བདག་ཅེས་བྱ་བར་མི་སྦྱོར་རོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​ཕྱིར་མི་འོང་བའི་འབྲས་བུ་བདག་ཅེས་བྱ་བར་མི་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​དགྲ་བཅོམ་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །​དགྲ་བཅོམ་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​རང་བྱང་ཆུབ་བདག་ཅེས་བྱ་བར་མི་སྦྱོར་རོ། །​རང་བྱང་ཆུབ་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་ཅེས་བྱ་བར་མི་སྦྱོར་རོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་མེད་ཅེས་བྱ་བར་མི་སྦྱོར་རོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཞི་ཞེས་བྱ་བར་མི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6118#UT22084-014-001-6118