Degé Kangyur volume 17, F.68.a

བརྒྱད་པའི་ས་དང་མཐོང་བའི་ས་དང་བསྲབས་པའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །​སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་མཐོང་བའི་ས་དང་། བསྲབས་པའི་ས་དང་འདོད་ཆགས་དང་བྲལ་བའི་ས་ནི། བྱས་པ་རྟོགས་པའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །​བྱས་པ་རྟོགས་པའི་ས་ནི་བྱས་པ་རྟོགས་པའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །​བྱས་པ་རྟོགས་པའི་ས་ནི་སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་བརྒྱད་པའི་ས་དང་མཐོང་བའི་ས་དང་བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །​སོ་སོའི་སྐྱེ་བོའི་ས་དང་རིགས་ཀྱི་ས་དང་། བརྒྱད་པའི་ས་དང་མཐོང་བའི་ས་དང་། བསྲབས་པའི་ས་དང་འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་ནི། རང་སངས་རྒྱས་ཀྱི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །​རང་སངས་རྒྱས་ཀྱི་ས་ནི་རང་སངས་རྒྱས་ཀྱི་ས་ལ་མྱེད་ཅིང་མྱི་དམྱིགས་སོ། །​རང་སངས་རྒྱས་ཀྱི་ས་ནི་སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་བརྒྱད་པའི་ས་དང་། མཐོང་བའི་ས་དང་བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་ལ་མྱེད་ཅིང་མི་དམིགས་སོ། །སོ་སོའི་སྐྱེ་བོའི་ས་དང་རིགས་ཀྱི་ས་དང་། བརྒྱད་པའི་ས་དང་མཐོང་བའི་ས་དང་། བསྲབས་པའི་ས་དང་འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱིས་ནི། བྱང་ཆུབ་སེམས་དཔའི་ས་ལ་མྱེད་ཅིང་མྱི་དམིགས་སོ། །​བྱང་ཆུབ་སེམས་དཔའི་ས་ནི་བྱང་ཆུབ་སེམས་དཔའི་ས་ལ་མྱེད་ཅིང་མི་དམྱིགས་སོ། །​བྱང་ཆུབ་སེམས་དཔའི་ས་ནི་སོ་སོའི་སྐྱེ་བོའི་ས་དང་། རིགས་ཀྱི་ས་དང་བརྒྱད་པའི་ས་དང་། མཐོང་བའི་ས་དང་བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱི་ས་ལ་མེད་ཅིང་མི་དམིགས་སོ། །​སོ་སོའི་སྐྱེ་བོའི་ས་དང་རིགས་ཀྱི་ས་དང་། བརྒྱད་པའི་ས་དང་མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10362#UT22084-014-001-10362