Degé Kangyur volume 17, F.65.a

རྐང་པ་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་རྣམས་ལ་མྱེད་ཅིང་མི་དམྱིགས་སོ། །​དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་དབང་པོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​དབང་པོ་རྣམས་ནི་དབང་པོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​དབང་པོ་རྣམས་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་རྣམས་ནི་སྟོབས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​སྟོབས་རྣམས་ནི་སྟོབས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​སྟོབས་རྣམས་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་ཀྱི་རྐང་པ་དང་། དབང་པོ་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་རྣམས་ལ་མྱེད་ཅིང་མྱི་དམྱིགས་སོ། །​དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ལམ་ལ་མེད་ཅིང་མྱི་དམྱིགས་སོ། །​ལམ་ནི་ལམ་ལ་མྱེད་ཅིང་མྱི་དམྱིགས་སོ། །​ལམ་ནི་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མེད་ཅིང་མྱི་དམྱིགས་སོ། །​འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་ལ་མྱེད་ཅིང་མི་དམྱིགས་སོ། །​འཕགས་པའི་བདེན་པ་རྣམས་ནི་བསམ་གཏན་རྣམས་ལ་མེད་ཅིང་མྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10356#UT22084-014-001-10356