Degé Kangyur volume 17, F.56.a

པོ་ནི། སྙིང་རྗེ་ཆེན་པོས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་སྙིང་རྗེ་ཆེན་པོ་མྱེད་བྱང་ཆུབ་སེམས་དཔའ་མེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད། བྱང་ཆུབ་སེམས་དཔའ་མེད་དོ། །​ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཆོས་ཀྱི་དབྱིངས་མེད། བྱང་ཆུབ་སེམས་དཔའ་མྱེད་དོ། །དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་དེ་བཞིན་ཉིད་མེད། བྱང་ཆུབ་སེམས་དཔའ་མྱེད་དོ། །​ཡང་དག་པའི་མཐའ་ནི་ཡང་དག་པའི་མཐས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཡང་དག་པའི་མཐའ་མྱེད། བྱང་ཆུབ་སེམས་དཔའ་མེད་དོ། །​བསམ་གྱིས་མྱི་ཁྱབ་པའི་དབྱིངས་ནི། བསམ་གྱིས་མྱི་ཁྱབ་པའི་དབྱིངས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད། བྱང་ཆུབ་སེམས་དཔའ་མྱེད་དོ། །​ཐམས་ཅད་ཤེས་པ་ཉིད་ནི། ཐམས་ཅད་ཤེས་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཐམས་ཅད་ཤེས་པ་ཉིད་མེད། བྱང་ཆུབ་སེམས་དཔའ་མྱེད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་མེད། བྱང་ཆུབ་སེམས་དཔའ་མེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱེད་བྱང་ཆུབ་སེམས་དཔའ་མྱེད་དོ། །​ཉན་ཐོས་ཀྱི་ཐེག་པ་ནི་ཉན་ཐོས་ཀྱི་ཐེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཉན་ཐོས་ཀྱི་ཐེག་པ་མེད་བྱང་ཆུབ་སེམས་དཔའ་མེད་དོ། །​རང་སངས་རྒྱས་ཀྱི་ཐེག་པ་ནི་རང་སངས་རྒྱས་ཀྱི་ཐེག་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10802#UT22084-014-001-10802