Degé Kangyur volume 17, F.55.a

དཔའ་མེད་དོ། །​ཡང་དག་པར་སྤོང་བ་རྣམས་ནི། ཡང་དག་པར་སྤོང་བ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཡང་དག་པར་སྤོང་བ་རྣམས་མེད། བྱང་ཆུབ་སེམས་དཔའ་མྱེད་དོ། །​རྫུ་འཕྲུལ་གྱི་རྐང་བ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད། བྱང་ཆུབ་སེམས་དཔའ་མྱེད་དོ། །​དབང་པོ་རྣམས་ནི་དབང་པོ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་དབང་པོ་རྣམས་མྱེད་བྱང་ཆུབ་སེམས་དཔའ་མྱེད་དོ། །​སྟོབས་རྣམས་ནི་སྟོབས་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་སྟོབས་རྣམས་མེད་བྱང་ཆུབ་སེམས་དཔའ་མེད་དོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད་བྱང་ཆུབ་སེམས་དཔའ་མྱེད་དོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད། བྱང་ཆུབ་སེམས་དཔའ་མྱེད་དོ། །​འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འཕགས་པའི་བདེན་པ་རྣམས་མྱེད། བྱང་ཆུབ་སེམས་དཔའ་མྱེད་དོ། །​བསམ་གཏན་རྣམས་ནི་བསམ་གཏན་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་བསམ་གཏན་རྣམས་མྱེད་བྱང་ཆུབ་སེམས་དཔའ་མྱེད་དོ། །​ཚད་མྱེད་པ་རྣམས་ནི་ཚད་མེད་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་ཚད་མྱེད་པ་རྣམས་མེད། བྱང་ཆུབ་སེམས་དཔའ་མྱེད་དོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱེད། བྱང་ཆུབ་སེམས་དཔའ་མྱེད་དོ། །​རྣམ་པར་ཐར་པ་བརྒྱད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10800#UT22084-014-001-10800