Degé Kangyur volume 14, F.119.b

མཚན་མ་མེད་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​སྨོན་པ་མེད་པ་རྟག་ཅེས་བྱ་བར་མི་སྦྱོར་རོ། །​སྨོན་པ་མེད་པ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​མངོན་པར་ཤེས་པ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །​མངོན་པར་ཤེས་པ་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​ཏིང་ངེ་འཛིན་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། །​ཏིང་ངེ་འཛིན་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​གཟུངས་ཀྱི་སྒོ་རྣམས་རྟག་ཅེས་བྱ་བར་མི་སྦྱོར་རོ། གཟུངས་ཀྱི་སྒོ་རྣམས་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་རྟག་ཅེས་བྱ་བར་མི་སྦྱོར་རོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​མི་འཇིགས་པ་བཞི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​མི་འཇིགས་པ་བཞི་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​སོ་སོ་ཡང་དག་པར་རིག་པ་བཞི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​སོ་སོ་ཡང་དག་པར་རིག་པ་བཞི་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​བྱམས་པ་ཆེན་པོ་རྟག་ཅེས་བྱ་བར་མི་སྦྱོར་རོ། །​བྱམས་པ་ཆེན་པོ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​སྙིང་རྗེ་ཆེན་པོ་རྟག་ཅེས་བྱ་བར་མི་སྦྱོར་རོ། །​སྙིང་རྗེ་ཆེན་པོ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྟག་ཅེས་བྱ་བར་མི་སྦྱོར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་རྟག་ཅེས་བྱ་བར་མི་སྦྱོར་རོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྟག་ཅེས་བྱ་བར་མི་སྦྱོར་རོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​ཕྱིར་མི་འོག་བའི་འབྲས་བུ་རྟག་ཅེས་བྱ་བར་མི་སྦྱོར་རོ། །​ཕྱིར་མི་འོང་བའི་འབྲས་བུ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​དགྲ་བཅོམ་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །​དགྲ་བཅོམ་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​རང་བྱང་ཆུབ་རྟག་ཅེས་བྱ་བར་མི་སྦྱོར་རོ། །​རང་བྱང་ཆུབ་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་རྟག་ཅེས་བྱ་བར་མི་སྦྱོར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་མི་རྟག་ཅེས་བྱ་བར་མི་སྦྱོར་རོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6104#UT22084-014-001-6104