Degé Kangyur volume 16, F.390.b

སྔོན་གྱི་མཐར་མྱི་དམྱིགས་སོ། །​རང་གི་མཚན་ཉིད་སྟོང་པ་ཉིད་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །​རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །​རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །​རང་གི་མཚན་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ།​། རང་གི་མཚན་ཉིད་སྟོང་པ་ཉིད་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །​རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །​རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །​རང་གི་མཚན་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །​རང་གི་མཚན་ཉིད་སྟོང་པ་ཉིད་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དབེན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ངོ་བོ་ཉིད་མྱེད་པ་ལ་སྔོན་གྱི་མཐའ་མྱི་དམྱིགས། ཕྱི་མའི་མཐའ་མྱི་དམྱིགས། དབུས་མྱི་དམྱིགས་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་པ་ཡང་གཞན་མ་ཡིན་རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཞན་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་དབེན་པ་ཡང་གཞན་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ངོ་བོ་ཉིད་མྱེད་པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་དཔའ་ཡང་གཞན་མ་ཡིན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10226#UT22084-014-001-10226