སེམས་ཅན་རང་བཞིན་མྱེད་པ་ཡང་གཞན་ཞིག་ལ་བྱང་ཆུབ་སེམས་དཔའ་ཡང་གཞན་ཞིག་སྟེ། སྔོན་གྱི་མཐའ་ཡང་གཞན། ཕྱི་མའི་མཐའ་ཡང་གཞན། དབུས་ཀྱང་གཞན་ཞེས་བྱ་བ་མྱེད་དེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་སེམས་ཅན་མྱེད་པ་གང་ཡིན་པ་དང་། སེམས་ཅན་སྟོང་པ་གང་ཡིན་པ་དང་། སེམས་ཅན་དབེན་པ་གང་ཡིན་པ་དང་། སེམས་ཅན་རང་བཞིན་མྱེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུགས་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུགས་ངོ་བོ་ཉིད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མྱི་དམྱིགས་སོ། །གཟུགས་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུགས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུགས་ངོ་བོ་ཉིད་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་མྱི་དམྱིགས་སོ། །གཟུགས་མྱེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །གཟུགས་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །གཟུགས་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །གཟུགས་ངོ་བོ་ཉིད་མྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་དབུས་སུ་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་མྱེད་པ་དང་།