Degé Kangyur volume 16, F.337.a

བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱིའོ། །​ཚོར་བ་ཀུན་ཏུ་མཐའ་ཡས་པའི་སླད་དུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱིའོ། །​འདུ་ཤེས་ཀུན་ཏུ་མཐའ་ཡས་པའི་སླད་དུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱིའོ། །​འདུ་བྱེད་ཀུན་ཏུ་མཐའ་ཡས་པའི་སླད་དུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱིའོ། །​རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་སླད་དུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱི་སྟེ། གཟུགས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མྱི་དམྱིགས་སོ། །​ཚོར་བ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མྱི་དམྱིགས་སོ། །​འདུ་ཤེས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མྱི་དམྱིགས་སོ། །​འདུ་བྱེད་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མྱི་དམྱིགས་སོ། །​རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་མྱི་དམྱིགས་ཏེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་ཐམས་ཅད། རྣམ་པ་ཐམས་ཅད་དུ་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། མ་དམྱིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བྱང་ཆུབ་སེམས་དཔའ་ཉིད་ཀྱང་རིལ་གྱིས་ཡང་དག་པར་རྗེས་སུ་མ་མཐོང་མ་དམྱིགས་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་བསྟན་པར་བགྱི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འདི་ནི་མྱིང་ཙམ་དུ་བས་ཏེ། བཅོམ་ལྡན་འདས་ཇི་ལྟར་བདག་བདག་ཅེས་བགྱི་བ་ཡང་། བདག་ལ་མངོན་པར་གྲུབ་པ་མ་མཆིས་སོ། །​བཅོམ་ལྡན་འདས་དེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10122#UT22084-014-001-10122