Degé Kangyur volume 16, F.335.b

གཞག་པ་རྣམས་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། ཡང་དག་པར་སྤོང་བ་རྣམས་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། ཡང་དག་པར་སྤོང་བ་རྣམས་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། དབང་པོ་རྣམས་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། དབང་པོ་རྣམས་ཀྱང་གཉིས་སུ་མྱེད་དེ། གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། སྟོབས་རྣམས་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། སྟོབས་རྣམས་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་བྲེག་པ་ཆེན་པོ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། འཕགས་པའི་བདེན་པ་རྣམས་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། འཕགས་པའི་བདེན་པ་རྣམས་ཀྱང་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །​ཐེག་པ་ཆེན་པོ་ཡང་གཞན་ལ། བསམ་གཏན་རྣམས་ཀྱང་གཞན་ཞེས་བྱ་བ་མྱེད་དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། བསམ་གཏན་རྣམས་ཀྱང་གཉིས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10119#UT22084-014-001-10119