Degé Kangyur volume 16, F.326.b

ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་སྔོན་གྱི་མཐར་མྱི་དམྱིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཕྱི་མའི་མཐར་མྱི་དམྱིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ད་ལྟར་བྱུང་བར་མྱི་དམྱིགས། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི། དུས་གསུམ་མཉམ་པ་ཉིད་ལ། མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། མཉམ་པ་ཉིད་ལ། འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ། མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ། ད་ལྟར་བྱུང་བའི་དུས་ཀྱང་མྱི་དམྱིགས་ཏེ། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མྱི་དམྱིགས་ན། མཉམ་པ་ཉིད་ལ་འདས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། མ་འོངས་པའི་དུས་དམྱིགས་པ་ལྟ་ཅི་ཞིག་སྨོས། ད་ལྟར་བྱུང་བའི་དུས་དམྱིགས་པ་ལྟ་ཡང་ཅི་ཞིག་སྨོས། རབ་འབྱོར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྔོན་གྱི་མཐར་མྱི་དམྱིགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཕྱི་མའི་མཐར་མྱི་དམྱིགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ད་ལྟར་བྱུང་བར་མྱི་དམྱིགས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཉམ་པ་ཉིད་ལ་འདས་པའི་དུས་མྱི་དམྱིགས། མཉམ་པ་ཉིད་ལ་མ་འོངས་པའི་དུས་མྱི་དམྱིགས། མཉམ་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10101#UT22084-014-001-10101