Degé Kangyur volume 14, F.111.a

བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​དབང་པོ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་དབང་པོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། དབང་པོ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​སྟོབས་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་སྟོབས་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྟོབས་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ལམ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་ལམ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལམ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​འཕགས་པའི་བདེན་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་འཕགས་པའི་བདེན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། འཕགས་པའི་བདེན་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​བསམ་གཏན་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་བསམ་གཏན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། བསམ་གཏན་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ཚད་མྱེད་པ་རྣམས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6087#UT22084-014-001-6087