Degé Kangyur volume 16, F.305.a

ཡང་གནས་པར་འགྱུར་བ་མྱེད་དོ། །​མྱིང་དང་གཟུགས་ཀྱི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​སྐྱེ་མཆེད་དྲུག་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་མཆེད་དྲུག་གི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​སྐྱེ་མཆེད་དྲུག་གི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །སྐྱེ་མཆེད་དྲུག་གི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རེག་པ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རེག་པའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རེག་པའི་དེ་བཞིན་ཉིད་ནི་གང་ནས་ཀྱང་འོང་བ་མེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རེག་པའི་ངོ་བོ་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​རེག་པའི་མཚན་ཉིད་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དོ། །​ཚོར་བ་ནི་གང་ནས་ཀྱང་འོང་བ་མྱེད། གང་དུ་ཡང་འགྲོ་བ་མྱེད། གར་ཡང་གནས་པར་འགྱུར་བ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚོར་བའི་རང་བཞིན་ནི་གང་ནས་ཀྱང་འོང་བ་མྱེད།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10059#UT22084-014-001-10059