Degé Kangyur volume 16, F.291.a

བྱའོ། །​འཕགས་པའི་བདེན་པ་མྱེད་པའི་ཕྱིར་བསམ་གཏན་མྱེད་པར་རིག་པར་བྱའོ། །​བསམ་གཏན་མྱེད་པའི་ཕྱིར་ཚད་མྱེད་པ་མྱེད་པར་རིག་པར་བྱའོ། །​ཚད་མྱེད་པ་མྱེད་པའི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་མྱེད་པར་རིག་པར་བྱའོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་མྱེད་པའི་ཕྱིར་རྣམ་པར་ཐར་པ་མྱེད་པར་རིག་པར་བྱའོ། །​རྣམ་པར་ཐར་པ་མྱེད་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མྱེད་པར་རིག་པར་བྱའོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་མྱེད་པའི་ཕྱིར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱེད་པར་རིག་པར་བྱའོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱེད་པའི་ཕྱིར་མངོན་པར་ཤེས་པ་མྱེད་པར་རིག་པར་བྱའོ། །​མངོན་པར་ཤེས་པ་མྱེད་པའི་ཕྱིར་ཏིང་ངེ་འཛིན་མྱེད་པར་རིག་པར་བྱའོ། །​ཏིང་ངེ་འཛིན་མྱེད་པའི་ཕྱིར་གཟུངས་ཀྱི་སྒོ་མྱེད་པར་རིག་པར་བྱའོ། །​གཟུངས་ཀྱི་སྒོ་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །​ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །​ཐེག་པ་ཆེན་པོ་མྱེད་པའི་ཕྱིར། མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །​མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །​མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་ད་པོགས་པ་མྱེད་པར་རིག་པར་བྱའོ། །​མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །​རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོ་བ་གང་ཡིན་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10031#UT22084-014-001-10031