Degé Kangyur volume 16, F.290.a

བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །​ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། །​ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །​མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །​བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་མྱེད་པར་རིག་པར་བྱའོ། །​དྲན་པ་ཉེ་བར་གཞག་པ་མྱེད་པའི་ཕྱིར་ཡང་དག་པར་སྤོང་བ་མྱེད་པར་རིག་པར་བྱའོ། །ཡང་དག་པར་སྤོང་བ་མྱེད་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་མྱེད་པར་རིག་པར་བྱའོ། །​རྫུ་འཕྲུལ་གྱི་རྐང་པ་མྱེད་པའི་ཕྱིར་དབང་པོ་མྱེད་པར་རིག་པར་བྱའོ། །​དབང་པོ་མྱེད་པའི་ཕྱིར་སྟོབས་མྱེད་པར་རིག་པར་བྱའོ། །​སྟོབས་མྱེད་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་མྱེད་པར་རིག་པར་བྱའོ། །​བྱང་ཆུབ་ཀྱི་ཡན་ལག་མྱེད་པའི་ཕྱིར་ལམ་མྱེད་པར་རིག་པར་བྱའོ། །​ལམ་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །​ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །​ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །​མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །​མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །​རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10029#UT22084-014-001-10029