།ཤེད་བདག་མྱེད་པའི་ཕྱིར་བྱེད་པ་པོ་མྱེད་པར་རིག་པར་བྱའོ། །བྱེད་པ་པོ་མྱེད་པའི་ཕྱིར་ཚོར་བ་པོ་མྱེད་པར་རིག་པར་བྱའོ། །ཚོར་བ་པོ་མྱེད་པའི་ཕྱིར་ཤེས་པ་པོ་མྱེད་པར་རིག་པར་བྱའོ། །ཤེས་པ་པོ་མྱེད་པའི་ཕྱིར་མཐོང་བ་པོ་མྱེད་པར་རིག་པར་བྱའོ། །མཐོང་བ་པོ་མྱེད་པའི་ཕྱིར་བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པར་རིག་པར་བྱའོ། །བསམ་གྱིས་མྱི་ཁྱབ་པའི་དབྱིངས་མྱེད་པའི་ཕྱིར་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པར་རིག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱེད་པའི་ཕྱིར་ནམ་མཁའ་མྱེད་པར་རིག་པར་བྱའོ། །ནམ་མཁའ་མྱེད་པའི་ཕྱིར་ཐེག་པ་ཆེན་པོ་མྱེད་པར་རིག་པར་བྱའོ། །ཐེག་པ་ཆེན་པོ་མྱེད་པའི་ཕྱིར་མྱི་འཇལ་བ་མྱེད་པར་རིག་པར་བྱའོ། །མྱི་འཇལ་བ་མྱེད་པའི་ཕྱིར་མྱི་འགྲངས་པ་མྱེད་པར་རིག་པར་བྱའོ། །མྱི་འགྲངས་པ་མྱེད་པའི་ཕྱིར་མྱི་དཔོགས་པ་མྱེད་པར་རིག་པར་བྱའོ། །མྱི་དཔོགས་པ་མྱེད་པའི་ཕྱིར་ཆོས་ཐམས་ཅད་མྱེད་པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་མྱེད་གྲངས་མྱེད་པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་།