Degé Kangyur volume 16, F.277.a

པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་ཤེས་པར་བྱ་བ་ཡང་མ་ཡིན། ཤེས་པར་མྱི་བྱ་བ་ཡང་མ་ཡིན། རྣམ་པར་ཤེས་པར་བྱ་བ་ཡང་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་ཡང་མ་ཡིན། མངོན་དུ་བྱ་བ་ཡང་མ་ཡིན། སྤང་བ་ཡང་མ་ཡིན། བསྒོམ་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའི་ནི་རྣམ་པར་སྨྱིན་ད་པ་ཡང་མ་ཡིན། རྣམ་པར་སྨྱིནད་པའི་ཆོས་ཅན་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་རྣམ་པར་སྨྱིནད་པ་ཡང་མ་ཡིན། རྣམ་པར་སྨྱིན་པའི་ཆོས་ཅན་ཡང་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ནི་འདོད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདོད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་ཀྱི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན། གཟུགས་མྱེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། དེའི་ཕྱིར་ཐེག་པ་དེ་ནི་ནམ་མཁའ་དང་མཉམ་ཞེས་བྱའོ། །​རབ་འབྱོར་འདི་ལྟ་སྟེ། དཔེར་ན། ནམ་མཁའ་ནི་འདོད་ཆགས་དང་ལྡན་པ་མ་ཡིན། འདོད་ཆགས་དང་བྲལ་བ་མ་ཡིན། ཞེ་སྡང་དང་ལྡན་པ་མ་ཡིན། ཞེ་སྡང་དང་བྲལ་བ་མ་ཡིན། གཏི་མུག་དང་ལྡན་པ་མ་ཡིན། གཏི་མུག་དང་བྲལ་བ་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་འདོད་ཆགས་དང་ལྡན་པ་མ་ཡིན། འདོད་ཆགས་དང་བྲལ་བ་མ་ཡིན། ཞེ་སྡང་དང་ལྡན་པ་མ་ཡིན། ཞེ་སྡང་དང་བྲལ་བ་མ་ཡིན། གཏི་མུག་དང་ལྡན་པ་མ་ཡིན། གཏི་མུག་དང་བྲལ་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10003#UT22084-014-001-10003