།རབ་འབྱོར་གལ་ཏེ་དབང་པོ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་དབང་པོ་རྣམས་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་སྟོབས་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་སྟོབས་རྣམས་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་ཀྱི་ཡན་ལག་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་ཀྱི་ཡན་ལག་རྣམས་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་ལམ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་མྱི་འགྱུར་ཏེ། རབ་འབྱོར་ལམ་དངོས་པོ་མྱེད་ལ་དངོས་པོ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་འཕགས་པའི་བདེན་པ་རྣམས་དངོས་པོ་ཡོད་པ་ཞིག་ཡིན་ཏེ།