Degé Kangyur volume 14, F.105.a

དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། འདུ་བྱེད་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །​རྣམ་པར་ཤེས་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །དེ་ནི་འདི་ལྟར་རྣམ་པར་ཤེས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྣམ་པར་ཤེས་པ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་མིག་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། མིག་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །​རྣ་བ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་རྣ་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། རྣ་བ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། སྣ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་སྣ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། སྣ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ལྕེ་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་ལྕེ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལྕེ་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བའམ་འབྱེད་པ་ལྟ་ག་ལ་ཡོད། །​ལུས་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །​དེ་ནི་འདི་ལྟར་ཡུལ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན། ལུས་དང་ཐམས་ཅད་མཁྱེན་པ་ཉིད་དུ་སྦྱོར་བ་འམ་འབྱེད་པ་ལྟ་ག་ལ་ཡོད། །​ཡིད་དང་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་མི་འབྱེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6075#UT22084-014-001-6075