Degé Kangyur volume 16, F.243.a

པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​ས་དྲུག་པ་མྱི་དམྱིགས་པས། ས་དྲུག་པ་དམྱིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་དྲུག་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​ས་བདུན་པ་མྱི་དམྱིགས་པས། །​ས་བདུན་པ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་བདུན་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​ས་བརྒྱད་པ་མྱི་དམྱིགས་པས། ས་བརྒྱད་པ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་བརྒྱད་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​ས་དགུ་པ་མྱི་དམྱིགས་པས། ས་དགུ་པ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་དགུ་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​ས་བཅུ་པ་མྱི་དམྱིགས་པས། ས་བཅུ་པ་དམྱིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ས་བཅུ་པ་དམྱིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​ས་དང་པོ་ནི་གང་། ས་གཉིས་པ་ནི་གང་། ས་གསུམ་པ་ནི་གང་། ས་བཞི་པ་ནི་གང་། ས་ལྔ་པ་ནི་གང་། ས་དྲུག་པ་ནི་གང་། ས་བདུན་པ་ནི་གང་། ས་བརྒྱད་པ་ནི་གང་། ས་དགུ་པ་ནི་གང་། ས་བཅུ་པ་ནི་གང་ཞེ་ན། འདི་ལྟ་སྟེ། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། རང་སངས་རྒྱས་ཀྱིས་དང་། བྱང་ཆུབ་སེམས་དཔའི་ས་དང་། སངས་རྒྱས་ཀྱིས་ཏེ། ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མྱེད་དོ། །​ཕྱི་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་མེད་དོ། །​ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ས་དང་པོ་དམྱིགས་སུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9935#UT22084-014-001-9935