Degé Kangyur volume 16, F.241.b

བའི་འབྲས་བུ་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​ཕྱིར་མི་འོང་བའི་འབྲས་བུ་མི་དམིགས་པས། ཕྱིར་མི་འོང་བའི་འབྲས་བུ་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕྱིར་མི་འོང་བའི་འབྲས་བུ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​དགྲ་བཅོམ་པ་ཉིད་མི་དམིགས་པས། དགྲ་བཅོམ་པ་ཉིད་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དགྲ་བཅོམ་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​རང་བྱང་ཆུབ་མི་དམིགས་པས། རང་བྱང་ཆུབ་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རང་བྱང་ཆུབ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་མི་དམིགས་པས། ལམ་གྱི་རྣམ་པ་ཤེས་པ་ཉིད་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​སྐྱེ་བ་མེད་པ་མི་དམིགས་པས། སྐྱེ་བ་མྱེད་པ་དམྱིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་མྱེད་པ་དམིགས་སུ་མྱེད་པ་ནི། དམྱིགས་པ་ཡང་མ་ཡིན་མྱི་དམྱིགས་པ་ཡང་མ་ཡིན་ནོ། །​འགག་པ་མྱེད་པ་མྱི་དམྱིགས་པས། འགག་པ་མྱེད་པ་དམིགས་སུ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འགག་པ་མྱེད་པ་དམྱིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མྱི་དམིགས་པ་ཡང་མ་ཡིན་ནོ། །​ཀུན་ནས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9932#UT22084-014-001-9932