Degé Kangyur volume 16, F.240.b

ཀྱི་སྒོ་རྣམས་མི་དམིགས་པས་གཟུངས་ཀྱི་སྒོ་རྣམས་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུངས་ཀྱི་སྒོ་རྣམས་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་མི་དམིགས་པས་དེ་བཞིན་གཤེགས་པའི་སྟོབས་རྣམས་དམིགས་སུ་མེད་དོ་དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​མི་འཇིགས་པ་རྣམས་མི་དམིགས་པས། མི་འཇིགས་པ་རྣམས་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མི་འཇིགས་པ་རྣམས་དམིགས་སུ་མེད་པ་ནི་དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​སོ་སོ་ཡང་དག་པར་རིག་པ་བཞི་མི་དམིགས་པས། སོ་སོ་ཡང་དག་པར་རིག་པ་བཞི་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སོ་སོ་ཡང་དག་པར་རིག་པ་བཞི་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​བྱམས་པ་ཆེན་པོ་མི་དམིགས་པས། བྱམས་པ་ཆེན་པོ་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱམས་པ་ཆེན་པོ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​སྙིང་རྗེ་ཆེན་པོ་མི་དམིགས་པས། སྙིང་རྗེ་ཆེན་པོ་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྙིང་རྗེ་ཆེན་པོ་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་དམིགས་པས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དམིགས་སུ་མེད་པ་ནི། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ནོ། །​རྒྱུན་ཏུ་ཞུགས་པ་མི་དམིགས་པས། རྒྱུན་ཏུ་ཞུགས་པ་དམིགས་སུ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ཞུགས་པ་དམིགས་སུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9930#UT22084-014-001-9930