Degé Kangyur volume 16, F.236.a

སྟོང་པ་ཉིད་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་མྱི་དམྱིགས་པ་སྟོང་པ་ཉིད་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་དངོས་པོ་མྱེད་པ་སྟོང་པ་ཉིད་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་རྣམས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཡང་དག་པར་སྤོང་བ་རྣམས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་རྣམས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་དབང་པོ་རྣམས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྟོབས་རྣམས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་བྱང་ཆུབ་ཀྱི་ཡན་ལག་རྣམས་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་འཕགས་པའི་བདེན་པ་རྣམས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་བསམ་གཏན་རྣམས་དམྱིགས་སུ་མྱེད་དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཚད་མྱེད་པ་རྣམས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་ཐར་པ་རྣམས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9921#UT22084-014-001-9921