Degé Kangyur volume 16, F.235.a

སྐད་དུ་ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་སྨྲས་པ་ནི། ཐེག་པ་དེས་སུ་ཡང་འབྱུང་པར་འགྱུར་བ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང་། གང་འབྱུང་བར་འགྱུར་བ་དང་། གང་གིས་འབྱུང་བར་འགྱུར་བ་དང་། གང་ནས་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མྱེད་ཅིང་མྱི་དམྱིགས་པའི་ཕྱིར་ཏེ། དེ་ལྟར་ཆོས་ཐམས་ཅད་མྱེད་ཅིང་མྱི་དམྱིགས་ན། ཆོས་གང་ཞིག་ཆོས་གང་གིས་འབྱུང་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་ཤིན་ཏུ་རྣམ་པར་དག་པ་དང་། སེམས་ཅན་ཤིན་ཏུ་རྣམ་པར་དག་པ་དང་། སྲོག་ཤིན་ཏུ་རྣམ་པར་དག་པ་དང་། འགྲོ་བ་ཤིན་ཏུ་རྣམ་པར་དག་པ་དང་། གསོ་བ་ཤིན་ཏུ་རྣམ་པར་དག་པ་དང་། སྐྱེས་བུ་ཤིན་ཏུ་རྣམ་པར་དག་པ་དང་། གང་ཟག་ཤིན་ཏུ་རྣམ་པར་དག་པ་དང་། ཤེད་ཅན་ཤིན་ཏུ་རྣམ་པར་དག་པ་དང་། ཤེད་བདག་ཤིན་ཏུ་རྣམ་པར་དག་པ་དང་། བྱེད་པ་པོ་ཤིན་ཏུ་རྣམ་པར་དག་པ་དང་། ཚོར་བ་པོ་ཤིན་ཏུ་རྣམ་པར་དག་པ་དང་། ཤེས་པ་པོ་ཤིན་ཏུ་རྣམ་པར་དག་པ་དང་། མཐོང་བ་པོ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། མཐའ་ལས་འདས་པས་བདག་དམྱིགས་སུ་མྱེད་དོ། །​སེམས་ཅན་དམྱིགས་སུ་མྱེད་དོ། །​སྲོག་དམྱིགས་སུ་མྱེད་དོ། །​འགྲོ་བ་དམྱིགས་སུ་མྱེད་དོ། །​གསོ་བ་དམྱིགས་སུ་མྱེད་དོ། །​སྐྱེས་བུ་དམྱིགས་སུ་མྱེད་དོ། །​གང་ཟག་དམྱིགས་སུ་མྱེད་དོ། །​ཤེད་ཅན་དམྱིགས་སུ་མྱེད་དོ། །​ཤེད་བདག་དམྱིགས་སུ་མྱེད་དོ། །​བྱེད་པ་པོ་དམྱིགས་སུ་མྱེད་དོ། །​ཚོར་བ་པོ་དམྱིགས་སུ་མྱེད་དོ། །​ཤེས་པ་པོ་དམྱིགས་སུ་མྱེད་དོ། །​མཐོང་བ་པོ་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་དབྱིངས་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར། དེ་བཞིན་ཉིད་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཡང་དག་པའི་མཐའ་དམྱིགས་སུ་མྱེད་དོ། །​ཤིན་ཏུ་རྣམ་པར་དག་པའི་ཕྱིར། བསམ་གྱིས་མྱི་ཁྱབ་པའི་དབྱིངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9919#UT22084-014-001-9919