Degé Kangyur volume 16, F.232.a

ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱི་འཇིགས་པ་བཞི་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སོ་སོ་ཡང་དག་པར་རིག་པ་བཞི་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྙིང་རྗེ་ཆེན་པོ་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་མྱི་གནས་པ་ཡང་མ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པའི་སྟོབས་བཅུའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​མྱི་འཇིགས་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་མྱི་གནས་པ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​མྱི་འཇིགས་པ་བཞི་མྱི་འཇིགས་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​སོ་སོ་ཡང་དག་པར་རིག་པ་བཞི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་སྟོང་པའི་ཕྱིར་རོ། །​སྙིང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9913#UT22084-014-001-9913