Degé Kangyur volume 16, F.221.a

བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། གདགས་པ་འབྱུང་བར་འདོད་དུ་ཟད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིང་སྟོང་བ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​མཚན་མ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​བརྡ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​ཐ་སྙད་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​དག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིང་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​མཚན་མ་སྟོང་པ་ཉིད་མཚན་མ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​བརྡ་སྟོང་པ་ཉིད་བརྡ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐ་སྙད་སྟོང་པ་ཉིད་ཐ་སྙད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​གདགས་པ་སྟོང་པ་ཉིད་གདགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྐྱེ་བ་མྱེད་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། འགག་པ་མྱེད་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཀུན་ནས་ཉོན་མོངས་པ་མྱེད་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣམ་པར་བྱང་བ་མྱེད་པ་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མངོན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9895#UT22084-014-001-9895