།དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །སྣའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མྱིག་གི་འདུས་ཏེ་རེག་པ་མྱིག་གི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །རྣ་བའི་འདུས་ཏེ་རེག་པ་རྣ་བའི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །སྣའི་འདུས་ཏེ་རེག་པ་སྣའི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །ལྕེའི་འདུས་ཏེ་རེག་པ་ལྕེའི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །ལུས་ཀྱི་འདུས་ཏེ་རེག་པ་ལུས་ཀྱི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ཀྱི་འདུས་ཏེ་རེག་པས་སྟོང་པའི་ཕྱིར་རོ། རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི།