Degé Kangyur volume 16, F.211.a

སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​རྣམ་པར་ཤེས་པ་ལྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །​ཚོར་བ་ཚོར་བས་སྟོང་པའི་ཕྱིར་རོ། །​འདུ་ཤེས་འདུ་ཤེས་ཀྱིས་སྟོང་པའི་ཕྱིར་རོ། །​འདུ་བྱེད་འདུ་བྱེད་ཀྱིས་སྟོང་བའི་ཕྱིར་རོ། །​རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་བའི་ཕྱིར་རོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། མྱིག་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། རྣ་བ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྣ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལྕེ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ལུས་སྟོང་པ་ཉིད་འབྱུང་བ་འདོད་པུ་ཟད་དོ། །​རབ་འབྱོར་གང་མཚན་ཉིད་མྱེད་པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཡིད་སྟོང་པ་ཉིད་འབྱུང་བ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མྱིག་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​རྣ་བ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​སྣ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །​ལྕེ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་མྱེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9877#UT22084-014-001-9877