Degé Kangyur volume 14, F.101.a

དག་པར་རྗེས་སུ་མི་མཐོང་ངོ་། །​སྟོབས་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་ཀྱི་ཡན་ལག་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་ཀྱི་ཡན་ལག་རྣམས་དང་ད་ལྟར་བྱུང་བར་མི་སྦྱོར་མི་བྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ལམ་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ལམ་རྣམས་དང་ཕྱི་མའི་མཐར་མྱི་སྦྱོར་མི་འབྱེད་དེ། །​དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ལམ་རྣམས་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འཕགས་པའི་བདེན་པ་རྣམས་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། །​དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​འཕགས་པའི་བདེན་པ་རྣམས་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འཕགས་པའི་བདེན་པ་རྣམས་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བསམ་གཏན་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བསམ་གཏན་རྣམས་དང་ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བསམ་གཏན་རྣམས་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6067#UT22084-014-001-6067