Degé Kangyur volume 14, F.100.a

སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མི་དམིགས་པ་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱི་དམྱིགས་པ་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དངོས་པོ་མེད་པ་སྟོང་པ་ཉིད་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དངོས་པོ་མེད་པ་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དངོས་པོ་མེད་པ་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ངོ་བོ་ཉིད་སྟོང་པ་ཉིད་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ངོ་བོ་ཉིད་སྟོང་པ་ཉིད་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ངོ་བོ་ཉིད་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མྱི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་སྔོན་གྱི་མཐར་མྱི་སྦྱོར་མྱི་འབྱེད་དེ། །​དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་ཕྱི་མའི་མཐར་མྱི་སྦྱོར་མྱི་འབྱེད་དེ། །​དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་དང་ད་ལྟར་བྱུང་བར་མྱི་སྦྱོར་མྱི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དྲན་པ་ཉེ་བར་གཞག་པ་རྣམས་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6065#UT22084-014-001-6065