Degé Kangyur volume 16, F.189.b

དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །​དེ་བདེ་བ་ཡང་སྤངས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད་སྡུག་བསྔལ་ཡང་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་མྱི་དམྱིགས་པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཤིང་གནས་ཏེ། དེ་དག་ནི་བསམ་གཏན་བཞིའོ། །​དེ་ལ་ཚད་མྱེད་པ་བཞི་གང་ཞེ་ན་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ་ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །​དེ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ་མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །​དེ་དགའ་བ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་པ། གཅུགས་མྱེད་པ། གནོད་པ་མྱེད་པ། ལྟོད་པ་མྱེད་པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་ཤིང་རྣམ་པར་སྤྱོད་དོ། །​དེ་བཏང་སྙོམས་དང་ལྡན་པའི་སེམས་རྒྱ་ཆེན་པོ། ཤིན་ཏུ་ཡངས་པ། མྱི་གཉིས་པ། ཚད་མྱེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-9836#UT22084-014-001-9836