Degé Kangyur volume 16, F.85.a

བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རྣམ་པར་ཐར་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​མངོན་པར་ཤེས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ཏིང་ངེ་འཛིན་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​གཟུངས་ཀྱི་སྒོ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​མྱི་འཇིགས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུང་པ་མྱེད་དོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​སྙིང་རྗེ་ཆེན་པོ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཅུད་པ་མྱེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །ཐམས་ཅད་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ། སེམས་མྱེད་པའི་ཕྱིར། སེམས་དེ་ལ་ཡང་ཆགས་པ་མྱེད་དོ་ཞེས་སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེར་ཡང་མ་ཟད་དོ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7617#UT22084-014-001-7617