Degé Kangyur volume 16, F.83.b

རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​སའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ཆུའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​མྱེའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རླུང་གི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ནམ་མཁའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རྣམ་པ་ཤེས་པའི་ཁམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​མ་རིག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​འདུ་བྱེད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རྣམ་པ་ཤེས་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​མྱིང་དང་གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​སྐྱེ་མཆེད་དྲུག་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རེག་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ཚོར་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​སྲིད་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱིད་དོ། །​ལེན་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​སྲིད་པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​སྐྱེ་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​རྒ་ཤི་ཡང་རང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7614#UT22084-014-001-7614