Degé Kangyur volume 16, F.79.a

པ་མྱེད་དོ། །​དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །​ཡང་དག་པར་སྤོང་བ་རྣམས་ཀྱང་ཆགས་པ་མྱེད་དོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཆགས་པ་མྱེད་དོ། །​དབང་པོ་རྣམས་ཀྱང་ཆགས་པ་མྱེད་དོ། །​སྟོབས་རྣམས་ཀྱང་ཆགས་མྱེད་དོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཆགས་པ་མྱེད་དོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཆགས་པ་མྱེད་དོ། །​འཕགས་པའི་བདེན་པ་རྣམས་ཀྱང་ཆགས་པ་མྱེད་དོ། །​བསམ་གཏན་རྣམས་ཀྱང་ཆགས་པ་མྱེད་དོ། །​ཚད་མྱེད་པ་རྣམས་ཀྱང་ཆགས་པ་མྱེད་དོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །​རྣམ་པར་ཐར་པ་རྣམས་ཀྱང་ཆགས་པ་མྱེད་དོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨྱོན་པ་མྱེད་པ་ཡང་ཆགས་པ་མྱེད་དོ། །​མངོན་པར་ཤེས་པ་རྣམས་ཀྱང་ཆགས་པ་མྱེད་དོ། །​ཏིང་ངེ་འཛིན་རྣམས་ཀྱང་ཆགས་པ་མྱེད་དོ། །​གཟུངས་ཀྱི་སྒོ་རྣམས་ཀྱང་ཆགས་པ་མྱེད་དོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཆགས་པ་མྱེད་དོ། །མྱི་འཇིགས་པ་རྣམས་ཀྱང་ཆགས་པ་མྱེད་དོ། །​སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་ཆགས་པ་མྱེད་དོ། །​སྙིང་རྗེ་ཆེན་པོ་ཡང་ཆགས་པ་མྱེད་དོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཆགས་པ་མེད་དོ། །​ཐམས་ཅད་ཤེས་པ་ཉིད་ཀྱང་ཆགས་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཆགས་པ་མྱེད་དོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཆགས་པ་མྱེད་དོ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཁྱོད་ཀྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དེ་ཡང་ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ་ཞེས་སྨྲས་པ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེར་ཡང་མ་ཟད་དེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་མྱེད་ཅིང་ཁོངས་སུ་ཆུད་པ་མྱེད་དོ། །​ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སེམས་དང་། སངས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7605#UT22084-014-001-7605