Degé Kangyur volume 16, F.76.b

འོང་བ་མྱེད་ཅིང་འབྲོ་བ་མྱེད་པ་དང་། ཀུན་ནས་ཉོན་མོངས་པ་མྱེད་ཅིང་རྣམ་པར་བྱང་བ་མྱེད་པ་དེ་ལ་ཉན་ཐོས་ཀྱི་སེམས་མྱེད་དོ། །​རང་སངས་རྒྱས་ཀྱི་སེམས་མྱེད་དོ། །​བྱང་ཆུབ་སེམས་དཔའི་སེམས་མྱེད་དོ། །​ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སེམས་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་མཉམ་པ་དང་མཉམ་པ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ཐུན་མོང་མ་ཡིན་པའི་སེམས་སོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གང་ཁྱོད་ཀྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མྱེད་པ། ཁོངས་སུ་ཆུད་པ་མྱེད་པ། དེ་ལྟ་བུའི་སེམས་ལ་ཡང་ཆགས་པ་མྱེད་དོ། །​ཞེས་སྨྲས་པ་དེ་ནི་དེ་ལྟ་ཡིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་དེ་བས་གཟུགས་ཀྱང་ཆགས་པ་མྱེད་དོ། །​ཚོར་བ་ཡང་ཆགས་པ་མྱེད་དོ། །​འདུ་ཤེས་ཀྱང་ཆགས་པ་མྱེད་དོ། །​འདུ་བྱེད་ཀྱང་ཆགས་པ་མྱེད་དོ། །​རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །​མྱིག་ཀྱང་ཆགས་པ་མྱེད་དོ། །​རྣ་བ་ཡང་ཆགས་པ་མྱེད་དོ། །​སྣ་ཡང་ཆགས་པ་མྱེད་དོ། །​ལྕེ་ཡང་ཆགས་པ་མྱེད་དོ། །​ལུས་ཀྱང་ཆགས་པ་མྱེད་དོ། །​ཡིད་ཀྱང་ཆགས་པ་མྱེད་དོ། །​གཟུགས་ཀྱང་ཆགས་པ་མྱེད་དོ། །​སྒྲ་ཡང་ཆགས་པ་མྱེད་དོ། །​དྲི་ཡང་ཆགས་པ་མྱིད་དོ། །​རོ་ཡང་ཆགས་པ་མྱེད་དོ། །​རེག་ཀྱང་ཆགས་པ་མྱེད་དོ། །​ཆོས་ཀྱང་ཆགས་པ་མྱེད་དོ། །​ཆོས་ཀྱང་ཆགས་པ་མྱེད་དོ། །​མྱིག་གི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །​རྣ་བའི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །​སྣའི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །​ལྕེའི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །​ལུས་ཀྱི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །​ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཆགས་པ་མྱེད་དོ། །​མྱིག་འདིས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །​རྣ་བའི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །​སྣའི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །​ལྕེའི་འདུས་ཏེ་རེག་པ་ཡང་ཆགས་པ་མྱེད་དོ། །​ལུས་ཀྱི་འདུས་ཏེ་རེག་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-7600#UT22084-014-001-7600